[返回博论天下首页]·[所有跟帖]·[ 回复本帖 ] ·[热门原创] ·[繁體閱讀]·[版主管理]
ཨ་རིས་འདྲེ་ལག་རྒྱང་རིང་བ
送交者: 林溪[品衔R1] 于 2021-01-12 3:12 已读 574 次  

林溪的个人频道

ཨ་རིའི་སྲིད་འཛིན་ཁྲོམ་ཕུས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ཆོག་མཆན་བཀོད་པ་དེ།འཛམ་གླིང་ཧྲིལ་བོར་དགོད་ཁ་ཤོར་དུ་བཅུགས་བྱུང་།མི་ཚང་མས་བློ་ཡུལ་དུ་མི་ཤོང་བ་ཞིག་ཏུ་གྱུར་འདུག   ཨ་རིའི་རྒྱལ་ནང་དུ་ཏོག་དབྱིབས་ནད་དུག་གིས་གནོད་འཚེ་ཆེན་པོ་འཐེབ་ཤིང་ནང་ཁུལ་གྱི་ནད་དུག་འགོག་སྲུང་གི་ནུས་པ་ཧ་ཅང་ཞན་དྲག་པས་མིའི་ཤི་ཚད་འཛམ་གླིང་གི་ཨང་དང་པོར་ཟིན་འདུག   ད་དུང་ཧ་ལས་དགོས་པ་ཞིག་ནི་ཨ་རིའི་ཐེངས་སོ་བཞི་བའི་སྲིད་འཛིན་འདེམས་བསྐོ་ལ་དགོད་བྲོ་བའི་གཏམ་རྒྱད་མོད་པོ་བྱུང་ཞིང་། ཁྲོམ་ཕུས་རང་ཉིད་སྲིད་འཛིན་གྱི་གོ་གནས་ལས་མར་འབབ་དགོས་ཚུལ་ལ་གཏན་ནས་ཁས་ལེན་མི་བྱེད་པ་དང་། ཟིང་འཁྲུག་ཆེན་པོ་ལངས་སྲིད་པའི་ཉེན་ཁ་ཆེ་བ་མ་ཟད་ནང་འཁྲུག་ལངས་ཉེན་ཆེ་བའི་གནས་ཚུལ་ཛ་དྲག་ཅན་ཏུ་འགྱུར་བཞིན་འདུག་མོད།ཨ་རི་ལ་ད་དུང་གཟའ་ནད་བྱུང་བ་ལྟར་འདྲེ་ལག་དེ་ཡར་བརྐྱངས་མར་བསྲིངས་བྱས་ཏེ་རྒྱང་རིང་གི་བོད་ལྗོངས་ཕྱོགས་སུ་བསྲིངས་འདུག

འདི་ནི་ཨ་རིའི་དུས་རྒྱུན་གྱི་སྲོལ་ལུགས་ངན་པ་དེའང་ཡིན་ལ།ནམ་ཡང་རང་ཉིད་ཀྱི་རིན་ཐང་གི་ལྟ་བས་འཛམ་གླིང་ཡོངས་ལ་མིག་ལྟ་བྱེད་སྲིད་ཅིང་།  རྒྱལ་ཁབ་ག་གེ་མོ་ཤིག་ལ་ཨ་རིའི་གཏན་ཁུལ་བྱས་པའི་སྒྲིག་ལུགས་དང་མ་མཐུན་ན་གང་འདོད་དུ་དབྱུག་པ་འཕྱར་ཏེ་བཙན་ཚུགས་སྒོས་དམངས་གཙོ་སྐྱེལ་ཡོང་ངེས་བ་རེད།བོད་ལྗོངས་ནི་ཀྲུང་གོ་གུང་ཁྲན་ཏང་གི་བཅོས་སྐྱོང་ཁྲོད་དུ་ཆབ་སྲིད།  དཔལ་འབྱོར། རིག་གནས། དམངས་དོན་ལ་སོགས་པའི་ཐད་དུ་འཕོ་འགྱུར་ཆེན་པོ་བྱུང་ཞིང་བདེ་སྐྱིད་ཀྱི་འཚོ་བ་ནི་མིག་མཐོང་ལག་ཟིན་ཡིན།  ང་ཚོས་རྟོགས་དཀའ་བ་ཞིག་ནི་ཨ་རིས་ཤེས་བཞིན་བསམ་བཞིན་དུ་ད་དུང་སྤྱི་ཚོགས་རྙིང་བའི་བོད་ལྗོངས་ཀྱི་ལྷ་དད་དང་ཞིང་བྲན་ལམ་ལུགས་ཀྱི་ས་བདག་དག་གི་རྗེས་རབས་པ་ཁག་ཅིག་གི་ལྟ་བ་རྙིང་འཛིན་གྱི་ཁ་ལ་རྒྱུགས་དགོས་དོན་ཅི་ཡིན་ནམ།  མི་སྣ་འདི་དག་གིས་ཧུར་ཐག་སྒོས་ཁ་འཁྲུག་གཏོར་བརླག་བྱས་ཏེ་ཀྲུང་གོའི་བཅོས་སྐྱོང་ཁྲོད་ཀྱི་བོད་ལྗོངས་ནི་དམྱལ་ཁམས་ཞིག་གི་རྣམ་པར་བསྒྱུར་ཅིང་བོད་མི་རེ་རེར་ཡར་ལངས་ཀྱི་འདུ་ཤེས་ལྡན་དགོས་ཚུལ་བརྗོད་འདུག  རྒྱུ་འབྲས་ལྡན་པའི་རྒྱལ་ཁབ་དང་མི་ཞིག་ལ་ཆ་མཚོན་ན་ བློ་ཡུལ་ལས་འདས་པ་ཞིག་ཏུ་གྱུར་པ་མ་ཡིན་ནམ།

ཐེངས་འདིར་ཨ་རིས་བོད་དོན་རྒྱབ་སྐྱོར་ཁྲིམས་འཆར་ལ་ཆོག་མཆན་ཐོབ་ཀྱང་།  བྲོས་བྱོལ་བོད་མིའི་སྲིད་གཞུང་གིས་སེམས་ཤུགས་ཡོད་རྒུད་བཏོན་ཏེ་སྐུལ་འདེད་དང་དྲིལ་བསྒྲགས་བྱས་པ་རེད།   ལྷག་པར་དུ་བློ་བཟང་སེང་གེས་དོན་དག་ཐོས་འཕྲལ་སེམས་ཀྱི་དགའ་བ་མ་གནོན་པར་བརྙན་ལམ་ནས་རྟེན་འབྲེལ་ཞུ་བཞིན་འདུག་མོད།   འཛམ་གླིང་གི་མཁས་ཆེན་དག་གིས་དཔྱད་བརྗོད་སྤེལ་བ་བཞིན།འདི་ནི་ཨ་རིའི་ནང་ཁུལ་དུ་ཆོག་མཆན་ཐོབ་པའི་ཁྲིམས་སྲོལ་ཞིག་ལས་དངོས་ཡོད་ཀྱི་ཁྲོད་དུ་བཙན་ཚུགས་རང་བཞིན་གྱིས་ལག་བསྟར་བྱེད་ཐབས་མེད་པས།བྲོས་བྱོལ་བོད་མིའི་སྤྲོ་སྐྱིད་ལ་དུས་ཡུན་རིང་སྲིད་དམ། 

喜欢林溪朋友的这个贴子的话, 请点这里投票,“赞”助支持!
[举报反馈]·[ 林溪的个人频道 ]·[-->>参与评论回复]·[用户前期主贴]·[手机扫描浏览分享]·[返回博论天下首页]
帖子内容是网友自行贴上分享,如果您认为其中内容违规或者侵犯了您的权益,请与我们联系,我们核实后会第一时间删除。

所有跟帖:        ( 主贴楼主有权删除不文明回复,拉黑不受欢迎的用户 )


用户名:密码:[--注册ID--]

标 题:

粗体 斜体 下划线 居中 插入图片插入图片 插入Flash插入Flash动画


     图片上传  Youtube代码器  预览辅助

手机扫描进入,浏览分享更畅快!

楼主本栏目热帖推荐:

>>>>查看更多楼主社区动态...






[ 留园条例 ] [ 广告服务 ] [ 联系我们 ] [ 个人帐户 ] [ 版主申请 ] [ Contact us ]